གནས་ཡུལ། མདུན་ངོས། ཟློས་གར།
 
 
༄༅།། ཁམས་པའི་པུ་ཝང་ངོ་སྤྲོད་མདོར་བསྡུས།
སྤེལ་དུས།2014-11-13   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།

        འབའ་གཞས་སམ་རས་པ་ཞེས་ན་གྲོགས་པོ་ཚོའི་སེམས་ལ་ལག་ན་པུ་ཝང་ཐོག་ཅིང་། རྐང་ལ་བོད་ལྷམ་གྱོན་ནས། སྐྲ་རིང་གཞོག་ཏུ་བཅིངས་ཏེ་ཞབས་བྲོའི་སྟངས་སྟབས་ཀྱི་འདེགས་འཇོག་ཉམས་རྒོད་པའི་ཁམས་པ་ཚོ་དྲན་སྲིད་ཀྱི་རེད། དེ་ཡང་ལོས་ཡིན་ཏེ། འབའ་གཞས་ཞེས་ན་རྒྱལ་ཁབ་ཕྱི་ནང་ལ་སྙན་གྲགས་ཆེ་བའི་དམངས་སྲོལ་སྒྱུ་རྩལ་ཞིག་དུ་གྱུར་ཡོད་པ་རེད། ཡིན་ནའང་འབའ་གཞས་ཀྱི་མཉམ་འགྱུར་ལ་དབྱངས་ཀྱི་སྲོག་སྩོལ་མཁན་ནི་ཁོང་ཚོས་པུ་ཝང་དུ་འབོད་པའི་རོལ་ཆ་འདི་ཡིན། དེས་ན་གཤམ་ནས་ངས་པུ་ཝང་བཟོ་སྟངས་དང་གྲུབ་ཚུལ་ངོ་སྤྲོད་མདོར་བསྡུས་ཞིག་བྱེད།

        པུ་ཝང་དེ་ནི་རྒྱའི་ཨར་ཧུའུ་དང་ཕྱིའི་ཆ་ནས་འདྲ་པོ་ཡོད་ཀྱང་། དོན་དུ་དེའི་གྲུབ་ཆ་དང་བཟོ་རྩལ་གྱི་ཐད་ནས་མི་འདྲ་བ་ཡིན། དེ་ལས་གཙོ་བོ་ཞིག་ནི་བོད་ཀྱི་པུ་ཝང་གི་བྲ་ནི་སྔོན་མར་འབྲོང་རྭ་ཡིས་བཟོས་པ་དང་། དེང་གི་ཆར་ཤིང་གིས་བཟོ་བ་ཡིན། བྲ་ངོས་ནི་སྔོན་མར་ཉ་དང་སྦྲུལ་གྱི་པགས་པ་བརློན་པ་བྱས་ཏེ་གཟེར་བུའི་བཏབ་སྟེ་བཟོ་ཞིང་། དེང་ལུག་པགས་སོགས་པགས་པ་སྲབ་མོས་བཟོ་བ་ཡང་ཡོད། བྲ་ལས་སྐེའམ་རྒྱུད་རྟ་ཞེས་དབྱུག་པ་ཞིག་ཡོད་ལ། དེའི་མགོ་ན་རྭ་ཅོ་ཞེས་རྒྱུ་སྐུད་གཉིས་འདོགས་ས་དང་སྒྲའི་ལྕི་ཡང་ཚོད་འཛིན་སའི་དབྱུག་པ་གཉིས་ཡོད་པ་རེད། བྲ་ལས་ཕྱིར་རྒྱུ་སྐུད་གཉིས་པུ་ཝང་གི་རྭ་ཅོའི་མགོར་འཐེན་ཞིང་།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005