གནས་ཡུལ། མདུན་ངོས། རྩོམ་པ་པོའི་བརྩམས་ཆོས།
 
 
༄༅།།ཡར་སེམས་སྐུལ་བའི་སྙིང་གཏམ།
སྤེལ་དུས།2008-12-23   ཡོང་ཁུངས་།   རྩོམ་པ་པོ། འཇིགས་མེད།

ཁྲེལ་མེད་རང་ཉིད་ཉམས་པའི་རྒྱུ།།

ཡིན་ཕྱིར་ཁྲེལ་ཡོད་གྲོགས་སུ་ལོངས།།

ཤུན་པས་གཡོགས་པའི་ལྗོན་ཤིང་ལ།།

འབྲས་བུ་སྨིན་པ་མ་མཐོང་ངམ།།

གནོད་སེམས་བྱུར་གྱི་སྣ་འདྲེན་ཉིད།།

ཡིན་ཕྱིར་ཕན་སེམས་གྲོགས་སུ་ལོངས།།

བ་ལ་འོ་མ་མང་བ་དེ།།

ཉོ་བའི་སྐྱེ་བོ་མང་ལ་ལྟོས།།

ལས་ཀུན་འཆོལ་བ་རྣམ་གཡེང་ཉིད།།

ཡིན་ཕྱིར་བསམ་གཏན་གྲོགས་སུ་ལོངས།།

རྩ་བ་བརྟན་པའི་ལྗོན་ཤིང་ལ།།

གཡུ་ལོ་རྒྱས་པ་མ་མཐོང་ངམ།།

ཁོང་ཁྲོས་རང་ཉིད་ཀྱི་རློག་པར་བྱེད།།

དེའི་ཕྱིར་བཟོད་པ་གྲོགས་སུ་ལོངས།།

ནགས་ལ་མེ་ལྕེ་མཆེད་པ་དེ།།

ཆབ་ཀྱིས་འཇོམས་པ་མ་མཐོང་ངམ།།

       དབང་འདུས་ཀྱིས་ཞུས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060