གནས་ཡུལ། མདུན་ངོས། ཞིབ་འཇུག་མི་སྣ།
 
 
༄༅།། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ།
སྤེལ་དུས།2014-10-09   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།

        ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་ལོརསྤྱི་ལོ་༡༦༤༨ད་ལྟའི་ཀན་ལྷོའི་བསང་ཆུ་རྫོང་གི་རྒན་གྱ་ཞང་དུ་ཡབ་དཔལ་འབུམ་རྒྱལ་དང་ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་སྟག་ལོར་སྤྱི་ལོ་༡༧༢༢)[མདོ་སྨད་ཆོས་འབྱང་དུ་ལྕགས་མོ་གླང་ལོ་སྤྱི་ལོ་༡༧༢༡ལ་འདས་ཞེས་གསུངསསྐུ་གཤེགས། དགུང་ལོ་བདུན་པར་ཁུ་བོ་དགེ་སློང་བསོད་ནམས་ལྷུན་གྲུབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གསུམ་པར་འདུལ་འཛིན་ཁྱུ་མཆོག་ཡེ་ཤེས་རྒྱ་མཚོའི་དྲུང་དུ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང་། དགུང་ལོ་ཉེར་དགུའི་བར་དུ་མཁས་རྒུའི་ཞབས་པད་བསྟེན་ནས་བཀའ་པོད་ཆེན་པོ་ལྔས་མཚོན་པའི་གཞུང་ལུགས་རབ་འབྱམས་ལ་གསན་སྦྱོང་ལྷུར་བཞེས་གནང་། དགུང་ལོ་ཉེར་བདུན་པར་རྒྱལ་དབང་ལྔ་བའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་དགུ་བར་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ་སྔགས་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་སོ་གསུམ་པར་གྲུབ་པའི་གནས་མཆོག་རི་བོ་དགེ་འཕེལ་དུ་ཕེབས་ཏེ་ལོ་ངོ་ཉི་ཤུའི་རིང་དུ་ཐོས་དོན་སྒྲུབ་པས་ཉམས་སུ་བཞེས། དགུང་ལོ་ང་གསུམ་པར་སྒོ་མང་གྲྭ་ཚང་གི་བླ་མ་མཛད། ལྷ་བཟང་ཧན་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་འགལ་ཟླ་ཇེ་ཆུང་དུ་གཏོང་བའི་བར་ཆིངས་མཛད། དགུང་ལོ་རེ་གཉིས་པར་དཔོན་ཇུ་ནང་གིས་དགོན་པ་གསར་འདེབས་ཀྱི་ཆེད་དུ་གདན་དྲངས་པ་ལྟར་མདོ་སྨད་དུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་བ་འདི་ཉིད་ཕྱག་འདེབས་མཛད། དགུང་ལོ་དོན་གསུམ་པར་གོང་མ་ཁང་ཤིས་རྒྱལ་པོས་བསྟན་པ་འཛིན་ཅིང་སྐྱོང་བར་བྱེད་པའི་པཎྜི་ཏ་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་དང་གསེར་ཐམ་གསེར་ཡིག་སོགས་གནང་བར་འབྱོར། ཁོང་གིས་སྐུ་ཚེ་གང་བོར་ཆོས་ཀྱི་གྲུ་ཆར་ཕབ་པས་མདོ་དབུས་ཁམས་གསུམ་དུ་བསྟན་འཛིན་གྱི་བུ་སློབ་མང་དུ་བྱུང་སྟེ། བསྟན་པའི་མངའ་བདག་ཏཱ་ལའི་པད་དཀར་འཛིན་པ། རྒྱལ་བ་གཉིས་པའི་གདན་སར་བཞུགས་པའི་ཁྲི་ཆེན་བཞི། འགྲོ་བ་དུ་མའི་འདྲེན་པར་གྱུར་པའི་བླ་ཆེན་བཅུ། ཆོས་ཀྱི་གདན་ཁྲིས་མཐོ་བའི་མཁས་ཆེན་ལྔར་གྲགས་པ་སོགས་བྱོན་ནོ། ཁོང་གི་གསུང་རྩོམདྲུང་ངེས་རྣམ་འབྱེདདང་། སེམས་གཟུགས་མཐའ་དཔྱོད་ཆེན་མོ། གྲུབ་མཐའི་རྩ་འགྲེལ འཇིགས་བྱེད་ཆོས་འབྱུང་བཅས་པོད་བཅོ་ལྔ་ལོངས་པ་ཡོད། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005