རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ།། རྡོ་རྗེ་ལྟ་བུའི་དཀྱིལ་ཀྲུང་གཅིག་གིས་ནི།། རྡོ་རྗེ་ལྟ་བུའི་ཏིང་འཛིན་མཐར་ཕྱིན་ནས།། རྡོ་རྗེ་ལྟ་བུའི་སྐུ་བརྙེས་ཐུབ་མཆོག་རྒྱལ།།
ཞེས་མཆོད་བརྗོད་སྔོན་དུ་བཏང་ནས། ལུང་སྡེ་སྣོད་གསུམ་གྱི་ངོས་འཛིན་ཇི་ལྟ་བུ་ཡིན་ཞེ་ན་སྡེ་སྣོད་ཀྱི་ངོ་བོ། སྡེ་སྣོད་ཀྱི་དབྱེ་བ། སྡེ་སྣོད་ཀྱི་བརྗོད་བྱ། སྡེ་སྣོད་ཀྱི་དགོས་པ། སྡེ་སྣོད་ཀྱི་འབྲེལ་བ་བཅས་ལྔ་ཡོད་ལ། དང་པོ་སྡེ་སྣོད་ཀྱི་ངོ་བོ་ནི། འདུལ་བྱའི་རྒྱུད་ཀྱི་འདོག་ཆགས་ཞེ་སྡང་གཏི་མུག་གསུམ་དངོས་ཀྱི་གཉེན་པོ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཀ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་གསུང་རབ་མཐར་ཐུག་དེ་ཡིན། གཉིས་པ་སྡེ་སྣོད་ཀྱི་དབྱེ་བ་བསྡུས་པའི་དབང་དུ་བྱས་ནས་འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དང་གསུམ་ཡོད་པ་དེ་ཡིན། གསུམ་པ་སྡེ་སྣོད་ཀྱི་བརྗོད་བྱ་ནི། རྒྱལ་བའི་བསྟན་པ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་པོ་དེ་ཡིན།
བཞི་པ་སྡེ་སྣོད་ཀྱི་དགོས་པ་ནི། དེ་ལ་ཐོས་བསམ་སྒོམ་པ་ལྷུར་བླངས་པ་ལས་མངོན་མཐོ་དང་ངེས་ལེགས་འབྱིན་པར་བྱེད་པ་དེ་ཡིན། ལྔ་པ་འབྲེལ་བ་ནི། ཕྱི་མ་ཕྱི་མ་སྔ་མ་སྔ་མ་དང་འབྲེལ་བ་དེ་ཡིན། དེ་བཞིན་དུ་སྡེ་སྣོད་གསུམ་པོ་རེ་རེ་ལ་ཡང་། ངོ་བོ་དང་། དབྱེ་བ། བརྗོད་བྱ། དགོས་པ། འབྲེལ་བ་དང་བཅས་ལྔ་རེ་ཡོད་པ་ཡང་སྡེ་སྣོད་གསུམ་སོ་སོའི་ངོས་འཛིན་གྱི་སྐབས་སུ་འཆད་པར་འགྱུར་བ་སྟེ།
སྡེ་སྣོད་གསུམ་གྱི་ནང་ནས། དང་པོ་འདུལ་བའི་སྡེ་སྣོད་ལ། ངོ་བོ་དང་། དབྱེ་བ། བརྗོད་བྱ། དགོས་པ། འབྲེལ་བ་ལྔ་ལས། དང་པོ་འདུལ་བའི་སྡེ་སྣོད་ཀྱི་ངོ་བོ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་སོ་ཐར་སྤོང་བདུན་འཁོར་བཅས་བསྟན་བྱའི་གཙོ་བོ་བྱས་ནས་བསྟན་པའི་འདུལ་བའི་གསུང་རབ་མཐར་ཐུག་དེ་ཡིན། གཉིས་པ་འདུལ་བའི་སྡེ་སྣོད་ཀྱི་དབྱེ་བ་ནི། རབ་བྱུང་གི་གཞི། གསོ་སྦྱོང་གི་གཞི། དབྱར་གྱི་གཞི། དགག་དབྱེའི་གཞི། ཀི་ལྤགས་ཀྱི་གཞི། སྨན་གྱི་གཞི། སྲ་བརྐྱང་གི་གཞི། གོས་ཀྱི་གཞི། ཀོ་ཤམ་འབིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི། སྤོ་བའི་གཞི། གསོ་སྦྱོང་བཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི། དབྱེན་གྱི་གཞི་སྟེ་གཞི་བཅུ་བདུན་དང་དགེ་སློང་ཕའི་སོ་སོར་ཐར་པའི་མདོ་དང་། དགེ་སློང་ཕའི་རྣམ་འབྱེད། དབྱེན་བྱེད་པའི་ལྷག་མའི་མདོ། མ་ངེས་པའི་ཆོས་གཉིས་ཀྱི་མདོ། སྤང་ལྟུང་སུམ་ཅུའི་མདོ། ལྟུང་བྱེད་འབའ་ཞིག་པའི་བཅུ་གཅིག་པ་སྐྱེ་བ་འཇིག་པའི་མདོ། བཅུ་གཉིས་པ་འཕྱ་བའི་ལྟུང་བྱེད་ནས་བདུན་བཅུ་རྩ་གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་ཀྱི་མདོ། བདུན་བཅུ་རྩ་གསུམ་པ་ས་བརྐོ་བའི་ལྟུང་བྱེད་སོགས་ཀྱི་མདོ། སོ་སོར་བཤགས་པར་བྱ་བ་བཞིའི་མདོ། བསླབ་བྱའི་ཆོས་མང་པོའི་མདོ། རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གྱི་མདོ། དགེ་སློང་མའི་སོ་སོར་ཐར་པའི་མདོ། མའི་རྣམ་འབྱེད། ཕྲན་ཚེགས་སྒོ་བརྒྱད། ལུང་ཕྲན་ཚེགས་ཀྱི་མདོ་དང་། གཞུང་བླ་མའི་ཞུ་བ་དང་བཅས་པ་རྣམས་ཡིན། བསྡོམས་འདུལ་བའི་སྡེ་སྣོད་པོད་བཅུ་གསུམ་ཡོད། གསུམ་པ་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་རིན་པོ་ཆེ་ལུས་ངག་གི་ཚུལ་འཆལ་མཐའ་དག་སྤོང་བའི་སོ་ཐར་སྤོང་བདུན་འཁོར་བཅས་ཀྱི་སྤོང་བ་གཟུགས་ཅན་པ་དེ་ཡིན། བཞི་པ་འདུལ་བའི་སྡེ་སྣོད་ཀྱི་དགོས་པ་ནི། རང་རྒྱུད་ལྡན་གྱི་གང་ཟག་ཚེ་རབས་ཐམས་ཅད་དུ་སོ་ཐར་གྱི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་ཅིང་མཐར་ཐུག་སོ་ཐར་གྱི་ཚུལ་ཁྲིམས་མཐར་ཕྱིན་པ་དེ་ཡིན། ལྔ་པ་འབྲེལ་བ་ནི། སྔ་མ་སྔ་མ་ཕྱི་མ་ཕྱི་མ་དང་འབྲེལ་བ་དེ་ཡིན།
གཉིས་པ། མདོ་སྡེའི་སྡེ་སྣོད།
མདོ་སྡེའི་སྡེ་སྣོད་ལ། ངོ་བོ་དང་། དབྱེ་བ། བརྗོད་བྱ། དགོས་པ། འབྲེལ་བ་དང་ལྔ་ལས་དང་པོ་མདོ་སྡེའི་སྣོད་ཀྱི་ངོ་བོ་ནི། རང་གི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ཀྱི་རྣམ་གཡེངས་ཀྱི་སྒྲིབ་པ་སྤོང་བའི་ཆེད་དུ་གཙོ་བོར་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིན་པོ་ཆེ་ཆེད་དུ་གཉེར་ནས་བསྟན་པའི་གསུང་རབ་མཐར་ཐུག་དེ་ཡིན། གཉིས་པ་མདོ་སྡེའི་སྡེ་སྣོད་ཀྱི་དབྱེ་བ་ནི། འཕགས་པ་བསྐལ་པ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་པོད་གཅིག རྒྱ་ཆེར་རོལ་པའི་མདོ། འཇམ་དཔལ་རྣམ་པར་རོལ་པའི་མདོ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་ཞིང་གི་བཀོད་པ་བསྟན་པའི་མདོ། དཀོན་མཆོག་ཏ་ལ་ལའི་གཟུངས། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ། ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ། དགེ་རྩ་ཡོངས་སུ་འཛིན་པའི་མདོ། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། དཀྱིལ་འཁོར་བརྒྱད་པའི་ཆོས་ཀྱི་རྣམ་གྲངས། དགོངས་པ་ངེས་པར་འགྲེལ་པའི་མདོ། ག་ཡ་གོ་རིའི་མདོ། རྒྱན་སྟུག་པོ་བཀོད་པའི་མདོ། སྙིང་རྗེ་པད་མ་དཀར་པོ་དང་། སྙིང་རྗེ་པད་མ་དཀར་པོ་དེ་བཞིན་གཤེགས་པའི་ཞལ་ཆེམས། དམ་ཆོས་པད་མ་དཀར་པོ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོའི་མདོ། བདེ་བ་ཅན་གྱི་བཀོད་པ། ཟ་མ་ཏོག་བཀོད་པའི་མདོ། དཀོན་མཆོག་གི་ཟ་མ་ཏོག རིན་པོ་ཆེན་མཐའི་མདོ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། མྱ་ངན་ལས་འདས་པའི་མདོ་ཆུང་བ། འདའ་ཁ་ཡེ་ཤེས། སངས་རྒྱས་མཛོད་ཀྱི་ཆོས་ཀྱི་ཡི་གེ། དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་མདོ། གསེར་གྱི་མདོ། གསེར་གྱི་བྱེ་མ་ལྟ་བུའི་མདོ། ཏིང་འཛིན་རྒྱལ་པོའི་མདོ། ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ། ཁྱིའུ་བཞིའི་ཏིང་ངེ་འཛིན་གྱི་མདོ། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་རྣམ་གྲངས་ཡི་གེ། ཏིང་ངེ་འཛིན་གྱི་མཆོག་དམ་པའི་མདོ། འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། རྡོ་རྗེ་སྙིང་པོའི་གཟུངས། སྒོ་མཐའ་ཡས་པ་ཞེས་བྱ་བའི་གཟུངས། སྒོ་དྲུག་པ་ཞེས་བྱ་བའི་གཟུངས། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། ཚིགས་སུ་བཅད་པ་གཉིས་པའི་མདོ། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམས་པའི་མདོ། བྱང་སེམས་ཀྱི་སྤྱོད་ཡུལ་ཐབས་ཀྱི་ཡུལ་ལས་རྣམ་པར་འཕྲུལ་པ་བསྟན་པའི་མདོ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ། བྱམས་པས་ཞུས་པའི་མདོ། སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པའི་མདོ། སྤོབ་པའི་བློ་གྲོས་ཀྱིས་ཞུས་པའི་མདོ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་རྒྱས་པ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་འབྲིང་པོ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ཆུང་ངུ་། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ། ཚངས་པས་ཞུས་པའི་མདོ། ཚངས་པའི་སྦྱིན་གྱིས་ཞུས་པའི་མདོ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ། རབ་རྩལ་སེམས་ཀྱིས་ཞུས་པའི་མདོ། དཔལ་དབྱིག་གིས་ཞུས་པའི་མདོ། རིན་ཆེན་དྲ་བ་ཅན་གྱིས་ཞུས་པའི་མདོ། རིན་ཆེན་ཟླ་བས་ཞུས་པའི་མདོ། བདེ་བྱེད་ཀྱིས་ཞུས་པའི་མདོ། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་དང་། ལྷ་མོ་དྲི་མ་མེད་འོད་ཀྱིས་ཞུས་པའི་མདོ། ཐེག་པ་ཆེན་པོའི་མན་ངན་ངག་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ། བགྲེས་མོས་ཞུས་པའི་མདོ། འཕགས་པ་འཇམ་དཔལ་གྱིས་དྲིས་པའི་མདོ། བདག་མེད་པས་དྲིས་པའི་མདོ། འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ། བློ་གྲོས་མི་ཟད་པས་བསྟན་པའི་མདོ། འཕགས་པ་ལེ་ཙའ་བིའི་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ། འཇམ་དཔལ་གྱིས་བསྟན་པའི་མདོ། འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པའི་མདོ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ། སྦྱིན་སོགས་ཕར་ཕྱིན་ལྔ་བསྟན་པའི་མདོ། སྦྱིན་པའི་ཕར་ཕྱིན་བསྟན་པའི་མདོ། སྦྱིན་པའི་ཕན་ཡོན་བསྟན་པའི་མདོ། བྱང་སེམས་ཀྱི་སྤྱོད་པ་བསྟན་པའི་མདོ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡུལ་ལ་འཇུག་པ་བསྟན་པའི་མདོ། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་བསྟན་པའི་མདོ། སངས་རྒྱས་ཀྱི་ཆོས་བསམ་གྱི་མི་ཁྱབ་པ་བསྟན་པའི་མདོ། མར་མེ་མཛད་ཀྱིས་ལུང་བསྟན་པའི་མདོ། བུད་མེད་འགྱུར་བ་ལུང་བསྟན་པའི་མདོ། བུ་མོ་ཟླ་མཆོག་ལུང་བསྟན་པའི་མདོ། བདེ་ལྡན་མ་ལུང་བསྟན་པའི་མདོ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པའི་མདོ། རྒྱལ་བའི་བློ་གྲོས་ཀྱིས་ཞུས་པའི་མདོ། སྤྱན་རས་གཟིགས་ཀྱི་མདོ། འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ། བྱམས་པ་བདུད་རྩི་བརྗོད་པའི་མདོ། བྱམས་པ་འཇུག་པའི་མདོ། བྱམས་པ་དགའ་ལྡན་གནམ་དུ་སྐྱེ་བ་བླངས་པའི་མདོ། འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པའི་མདོ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་སྟོབས་ཀྱི་མདོ། ངེས་པ་དང་མ་ངེས་པ་འགྲོ་བའི་ཕྱག་རྒྱ་ལ་འཇུག་པའི་མདོ། ཆོས་ཀྱི་ཕྱག་རྒྱའི་མདོ། མར་མེ་ཕུལ་བའི་མདོ། ཟས་ཀྱི་འཚོ་བ་རྣམ་པར་དག་པའི་མདོ། གླང་པོའི་རྩལ་གྱི་མདོ། སྒྲ་ཆེན་པོའི་མདོ། སེང་གེའི་སྒྲ་བསྒྲགས་པའི་མདོ། ས་ལུ་ལྗངས་པའི་མདོ། རྟེན་ཅིང་འབྲེལ་འབྱུང་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ། རྟེན་ཅིང་འབྲེལ་པ་འབྱུང་བའི་མདོ། སོར་མོའི་ཕྲེང་བ་ཅན་ལ་ཕན་པའི་མདོ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ། བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ། རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་སེལ་བའི་མདོ། ཁྱིམ་བདག་དཔལ་སྦས་ཀྱི་མདོ། ལས་སྒྲིབ་རྣམ་པར་དག་པའི་མདོ། ལས་སྒྲིབ་རྒྱུན་གཅོད་པའི་མདོ། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ། རྒྱལ་པོ་གསལ་རྒྱལ་ལ་གདམས་པའི་མདོ། རྔ་བོ་ཆེའི་མདོ། སུམ་ཅུ་རྩ་གསུམ་པའི་མདོ། ལྷག་བསམ་བསྟན་པའི་མདོ། གསུམ་ལ་སྐྱབས་སུ་འགྲོ་བའི་མདོ། སྲིད་པ་འཕོ་བའི་མདོ། རྣམ་པར་ཐར་པ་ཐམས་ཅད་སྡུད་པའི་མདོ། སངས་རྒྱས་འགྲོ་བ་ཞེས་བྱ་བའི་མདོ། དེ་བཞིན་གཤེགས་པ་བགྲོ་བའི་མདོ། དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་གི་མདོ། དཀོན་མཆོག་སྤྲིན་གྱི་མདོ། སྤྲིན་ཆེན་པོའི་མདོ། ཕྱོགས་བཅུའི་བྱང་སེམས་རྒྱ་མཚོ་འདུས་པའི་དགའ་སྟོན་ལ་རྩེ་བའི་མདོ། སྤྲིན་ཆེན་རླུང་གི་དཀྱིལ་འཁོར་གྱི་ལིའུ། སྤྲིན་ཆེན་རླུང་གི་དཀྱིལ་འཁོར་གྱི་ལིའུ་དྲུག་ཅུ་རྩ་བཞི་ཆོ་ག་དང་བཅས་པ། དཔའ་བར་འགྲོ་བའི་མདོ་ལིའུ་སྟོང་ཕྲག་བཅུ་པ་ལས་ལིའུ་བཅུ་པ་ཁོལ་དུ་ཕྱུང་བ་གཙུག་གཏོར་བམ་པོ་དགུ་ལས་བདུད་ཀྱི་ལིའུ་ཉེ་ཚེ་ཕྱུང་བ། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ། ས་སྙིང་འཁོར་ལོ་བཅུ་པའི་མདོ། འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ། འཕགས་པ་ཏིང་ངེ་འཛིན་གྱི་འཁོར་ལོའི་མདོ། འཕགས་པ་ཡོངས་སུ་བསྔོ་བའི་འཁོར་ལོའི་མདོ། དམ་པའི་ཆོས་ཀྱི་རྒྱལ་པོའི་ཡི་གེ། འཕགས་པ་ཆོས་ཀྱི་ཚུལ། འཕགས་པ་ཆོས་ཕུང་ཀྱི་མདོ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བའི་མདོ། འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པའི་མདོ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་ཆོས་བཞི་བསྒྲུབ་པའི་མདོ། འཕགས་པ་ཆོས་བཞི་བསྟན་པའི་མདོ། ཆོས་བཞི་པའི་མདོ། འཕགས་པ་ཆོས་བཞི་པའི་མདོ། འཕགས་པ་བཞི་སྒྲུབ་པའི་མདོ། ཆོས་གསུམ་པའི་མདོ། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ། འཕགས་པ་ཆོས་རྒྱལ་མཚོའི་མདོ། འཕགས་པ་ཆོས་ཀྱི་རྒྱ་མོའི་མདོ། འཕགས་པ་ཉི་མའི་སྙིང་པོའི་མདོ། སངས་རྒྱས་ཀྱི་གཙུག་གཏོར་དཔའ་བར་འགྲོ་བའི་མདོ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་མདོ། འཕགས་པ་ནམ་མཁའི་སྙིང་པོའི་མདོ། འཕགས་པ་ཐབས་མཁས་པའི་མདོ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་དང་ལྔ་བཅུ་རྩ་གསུམ་པ། འཕགས་པ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པའི་མདོ། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་སྒྲུབ་པ་རྣམ་པར་བཀོད་པའི་མདོ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ། འཕགས་པ་མེ་ཏོག་གི་ཚོགས་ཀྱི་མདོ། པང་སྐོང་ཕྱག་རྒྱ་པ། འཕགས་པ་བསམ་གྱིས་མི་ཁྱབ་པའི་མདོ། ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བའི་མདོ། འཕགས་པ་སངས་རྒྱས་བདུན་པའི་མདོ། འཕགས་པ་སངས་རྒྱས་བརྒྱད་པའི་མདོ། འཕགས་པ་སངས་རྒྱས་བཅུ་པའི་མདོ། འཕགས་པ་སངས་རྒྱས་བཅུ་གཉིས་པའི་མདོ། འཕགས་པ་སངས་རྒྱས་དབུ་བརྒྱན་གྱི་མདོ། སངས་རྒྱས་ཀྱི་སའི་མདོ། སངས་རྒྱས་མི་སྤོང་བའི་མདོ། འཕགས་པ་དཀྱིལ་འཁོར་བརྒྱད་པའི་མདོ། འཕགས་པ་བཀྲ་ཤིས་བརྒྱད་པའི་མདོ། འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་མདོ། ཆོས་རྗེས་སུ་དྲན་པའི་མདོ། དགེ་འདུན་རྗེས་སུ་དྲན་པའི་མདོ། བསླབ་པ་གསུམ་གྱི་མདོ། སྐུ་གསུམ་པ་ཞེས་བྱ་བའི་མདོ། འཕགས་པ་ཕུང་པོ་གསུམ་པའི་མདོ། འཕགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་མདོ། འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་མདོ། མདོ་དྲན་པ་ཉེར་བཞག་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་ལས་རྟག་ཏུ་བདེ་བའི་ས་སྟེ་བརྒྱད་པ་དང་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་ཧའི་རྫུ་འཕྲུལ་ཆེན་པོ་རྫོགས་པར་བསྟན་པའི་མདོ། ལས་མངགས་པའི་མདོ། མདོ་ཆེན་པོ་སྒྱུ་མའི་དྲ་བ། མདོ་ཆེན་རྒྱལ་མཚན་མཆོག མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ། མདོ་ཆེན་པོ་སྟོང་པ་ཉིད། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ། མདོ་ཆེན་པོ་རྒྱལ་མཚན་མཆོག མདོ་ཆེན་པོ་རྒྱལ་མཚན་དམ་པ་། མདོ་ཆེན་པོ་ལྔ་གསུམ་པ། འཕགས་པ་རྡོ་འཕངས་པའི་མདོ། གཞོན་ནུ་དཔེའི་མདོ། ཁམས་མང་པོའི་མདོ། གཎ་ཊིའི་མདོ། གཎ་ཊའི་དུས་ཀྱི་མདོ། འཕགས་པ་དགེ་བའི་བཤེས་གཉེན་བསྟན་པའི་མདོ། མངོན་པར་འབྱུང་བའི་མདོ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པ་ལྡན་པའི་མདོ། ལྟུང་བ་སྡེ་ལྔའི་དགེ་མི་དགེའི་འབྲས་བུ་བརྟག་པའི་མདོ། མཆོག་ཏུ་དགེ་བའི་མདོ། རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པའི་མདོ། ཚེ་མཐའི་མདོ། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི་མདོ། མི་རྟག་པ་ཉིད་ཀྱི་མདོ། འདུ་ཤེས་བཅུ་བསྟན་པའི་མདོ། བཅོམ་ལྡན་འདས་ཀྱི་ཞལ་ཆེམས་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། མཚན་མོ་བཟང་པོའི་མདོ། མུན་གྱི་ནགས་ཚལ་གྱི་མདོ། ཕ་མའི་མདོ། བདེན་བཞིའི་མདོ། དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས། རྨད་དུ་འབྱུང་བའི་ཆོས་ཀྱི་རྣམ་གྲངས། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བསྟན་པའི་ཆོས་ཀྱི་རྣམ་གྲངས། མཆོས་རྟེན་སྐོར་བའི་ཚིགས་སུ་བཅད་པ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ། ཆེད་དུ་བརྗོད་པའི་ཚོམས། མི་རྟག་པའི་ཚོམས་ནས་བྲམ་ཟེའི་ཚོམས་ཀྱི་བར། སྐྱེས་བུ་དམ་པའི་མདོ། དགའ་བོ་རབ་ཏུ་བྱུང་བའི་མདོ། ལྷའི་མདོ་སྔ་ཕྱི་གཉིས། ཟླ་བའི་མདོ། ཁང་བུ་བརྩེགས་པའི་མདོ། གནས་འཇོག་གི་མདོ། དགའ་བ་ཅན་གྱི་མདོ། འཁར་གསིལ་གྱི་མདོ། འཁར་གསིལ་འཆང་བའི་ཀུན་སྤྱོད་བསྟན་པའི་མདོ། ཆོས་ཀྱི་འཁོར་ལོའི་མདོ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་མདོ། ལས་རྣམ་འབྱེད། ལས་རྣམ་འབྱེད་ཆུང་བ། ལས་ཀྱི་རྣམ་པར་འགྱུར་བའི་མདོ། མདོ་སྡེ་ལས་བརྒྱ་པ། སྡོམ་གྱི་ཚིགས་སུ་བཅད་པ། མདོ་སྡེ་མཛངས་བླུན། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ། བྱམས་པའི་མདོ། བྱམས་པ་ལུང་བསྟན་པའི་མདོ། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ། ཕག་མོའི་རྟོགས་བརྗོད། མང་ག་དྭ་བཟང་མོའི་རྟོགས་བརྗོད། འཕགས་པ་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ། ཟླ་འོད་ཀྱི་རྟོགས་བརྗོད། དཔལ་གྱི་སྡེའི་རྟོགས་བརྗོད། རྒྱལ་པོ་གསེར་མདོག་གི་སྔོན་གྱི་སྦྱོར་བ་བསྟན་པའི་མདོ། རྒྱལ་པོ་དོན་གྲུབ་ཀྱི་མདོ། ཚངས་པའི་དྲ་བའི་མདོ། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ། ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པའི་མདོ། དགེ་བ་དང་མི་དགེ་བའི་རྣམ་སྨིན་བསྟན་པའི་མདོ། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་བསྟན་པ་གནས་པ་དང་འཇིག་པའི་ཚུལ་བསྟན་པའི་མདོ། རི་གླང་རུ་ལུང་བསྟན་པའི་མདོ། སྟག་སྣའི་རྟོགས་པ་བརྗོད་པའི་མདོ། མིག་བཅུ་གཉིས་པའི་མདོ། མྱང་འདས་ཀྱི་མདོ་པོད་གཉིས་བཅས་མདོ་སྡེའི་སྡེ་སྣོད་ཀྱི་མདོ་པོད་སུམ་ཅུ་སོ་གཉིས་ཡོད་པ་དེ་རྣམས། མདོ་སྡེའི་སྡེ་སྣོད་ཀྱི་དབྱེ་བ་ཡིན། གསུམ་པ་མདོ་སྡེའི་སྡེ་སྣོད་ཀྱི་བརྗོད་བྱ་ནི། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིན་པོ་ཆེ་དེ་ཡིན། བཞི་པ་མདོ་སྡེའི་སྡེ་སྣོད་ཀྱི་དགོས་པ་ནི། རང་གི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ཀྱི་རྣམ་གཡེངས་ཀྱི་སྐྱོན་བསལ་ཅིང་མཐར་ཐུག་ཏིང་ངེ་འཛིན་མཐར་ཕྱིན་པར་བྱེད་པ་དེ་ཡིན། ལྔ་པ་མདོ་སྡེའི་སྡེ་སྣོད་ཀྱི་འབྲེལ་པ་ནི། ཕྱི་མ་ཕྱི་ལ་རྣམས་སྔ་མ་སྔ་མ་ལ་ལྟོས་པ་དེ། མདོ་སྡེའི་སྡེ་སྣོད་ཀྱི་འབྲེལ་པ་ཡིན།
གསུམ་པ། མངོན་པའི་སྡེ་སྣོད།
མངོན་པའི་སྡེ་སྣོད་ལ། མངོན་པའི་སྡེ་སྣོད་ཀྱི་ངོ་བོ། མངོན་པའི་སྡེ་སྣོད་ཀྱི་དབྱེ་བ། མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ། མངོན་པའི་སྡེ་སྣོད་ཀྱི་དགོས་པ། མངོན་པའི་སྡེ་སྣོད་ཀྱི་འབྲེལ་བ་དང་ལྔ། དང་པོ་མངོན་པའི་སྡེ་སྣོད་ཀྱི་ངོ་བོ་ནི། བདག་འཛིན་གཉིས་ཀྱི་གཉེན་པོ་ལམ་བདག་མེད་གཉིས་རྟོགས་པའི་ཤེས་རབ་བརྗོད་བྱའི་གཙོ་བོར་བྱས་ནས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་གདམས་པའི་གསུང་རབ་མཐར་ཐུག་དེ་ཡིན། གཉིས་པ་མངོན་པའི་སྡེ་སྣོད་ཀྱི་དབྱེ་བ་ནི། ཏིང་ངེ་འཛིན་བརྒྱ་ཉེར་གཅིག་ནས། སྒོ་གསུམ་རྣམ་གྲངས་བཅུ་གཅིག་པ། འགྲེལ་ཐུང་བཅས་འགྲེལ་རྩེ་ཁྲི་དང་བཞི་བརྒྱ་ཉེར་དགུ། མཐོང་ལམ་རྒྱས་བཤད་དང་། བྱམས་ཞུས་ཀྱི་ལིའུ། ཆོས་འཕགས་ཀྱི་ལིའུ། རྟག་ཏུ་ངུའི་ལིའུ། ཡོངས་གཏད་ཀྱི་ལིའུ་བཅས་བམ་པོ་སུམ་བརྒྱ་དང་བཞི་ཡོད་པའི་འབུམ་པོད་བཅུ་གཉིས། དེ་ནས་ཡུམ་འབྲིང་པོ་ཉི་ཁྲི་བམ་པོ་བདུན་བཅུ་རྩ་བརྒྱད་ཅན་པོད་གསུམ་དང་། ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ་ཅན་པོད་གསུམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་པོད་གཅིག་ཡུམ་བསྡུས་པ་བརྒྱད་སྟོང་པ་པོད་གཅིག རབ་རྩལ་རྣམ་གནོན་ཀྱིས་ཞུས་པ་ཤེར་ཕྱིན་བདུན་བརྒྱ་པ་དང་ཤེར་ཕྱིན་ལྔ་བརྒྱ་པ། ཕར་ཕྱིན་བསྡུས་པ། རྡོ་རྗེ་གཅོད་པ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། མཚན་བརྒྱ་རྩ་བརྒྱད་པ། ཤེར་ཕྱིན་ལྔ་བཅུ་པ། ཤེར་ཕྱིན་ཡི་གེ་གཅིག་མ། ཤེར་ཕྱིན་ཡི་གེ་ཉུང་ངུ་པ། སྒོ་ཉེར་ལྔ་པ། ཤེས་རབ་སྙིང་པོ། ཤེར་ཕྱིན་ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ཤེར་ཕྱིན་ཀུན་ཏུ་བཟང་པོ། ཤེར་ཕྱིན་ལག་ན་རྡོ་རྗེ། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན། ཆོས་འཁོར་རབ་ཏུ་བསྐོར་བའི་མདོ་དང་སྐྱེས་རབས་ཀྱི་གླེང་གཞིའི་མདོ། ལྕང་ཅན་གྱི་ཕོ་བྲང་གི་མདོ། འདུས་པ་ཆེན་པོའི་བྱམས་པ་བསྒོམས་པའི་མདོ་དང་། བྱམས་པའི་མདོ། བསླབ་ལྔའི་ཕན་ཡོན་བསྟན་པའི་མདོ། ཀུན་དགའ་བོའི་མདོ། ཀླུ་རྒྱལ་དགའ་བོ་དང་ཉེ་དགའ་བཏུལ་བའི་མདོ། ཉི་མའི་མདོ། འཕགས་པ་བཀྲ་ཤིས་ཆེན་པོའི་མདོ་ལ་སོགས་པ་ཤེར་ཕྱིན་སྣ་ཚོགས་པ་པོད་གཅིག འཇིག་རྟེན་གྱི་དབང་པོ་ཐམས་ཅད་རྒྱན་གྱི་ལིའུ། དེ་བཞིན་གཤེགས་པའི་ལིའུ། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་རྣམ་པར་འཁྲུལ་གྱི་ལིའུ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བསྟན་པའི་ལིའུ། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཡོན་ཏན་གྱི་ལིའུ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ཡུག་གིས་བརྒྱན་པའི་བེའུ། ས་གཞིའི་རྒྱན་བསྟན་པའི་ལིའུ། ཞིང་གི་རྒྱུད་ཀྱི་གནས་བསྟན་པའི་ལིའུ། འཇིག་རྟེན་སངས་རྒྱས་ཀྱི་མཚན་བསྟན་པའི་ལིའུ། འཕགས་པའི་བདེན་པའི་ལིའུ། དེ་བཞིན་གཤེགས་པའི་འོད་ཟེར་ལས་སངས་རྒྱས་པའི་ལིའུ། བྱང་ཆུབ་སེམས་དཔའི་དྲིས་པ་སྣང་བའི་ལིའུ། སྤྱོད་ཡུལ་ཡོངས་སུ་དག་པའི་ལིའུ། བཟང་པོའི་དཔལ་གྱི་ལིའུ། རི་རབ་རྩེ་མོར་གཤེགས་པའི་ལིའུ། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་ཚིགས་སུ་བཅད་པའི་ལིའུ་དང་རྣམ་པ་དགོད་པ་བཅུ་བསྟན་པའི་ལིའུ། ཚངས་པར་སྤྱོད་པའི་ལིའུ། སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་བསགས་པའི་ཚིགས་སུ་བཅད་པའི་ལིའུ། ཆོས་སྣང་བའི་ལིའུ། མཚེ་མའི་གནས་རྣམ་འཁྲུལ་གྱི་ལིའུ། ཚིགས་སུ་བཅད་པ་བསྟན་པའི་ལིའུ། ཡོན་ཏན་མེ་ཏོག་བསགས་པའི་ལིའུ། གཏེར་མི་ཟད་པ་བཅུ་བསྟན་པའི་ལིའུ། དེ་བཞིན་གཤེགས་པ་དགའ་ལྡན་དུ་བཞུགས་པའི་ལིའུ། དགའ་ལྡན་དུ་བྱང་སེམས་འདུས་པའི་ཚིགས་བཅད་ཀྱི་ལིའུ། བྱང་སེམས་རྡོ་རྗེ་རྒྱལ་མཚན་གྱིས་ཡོངས་སུ་བསྔོ་བའི་ལིའུ། ས་བཅུ་པའི་ལིའུ། བྱང་སེམས་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལིའུ། ཏིང་ངེ་འཛིན་བཅུའི་ལིའུ། མངོན་པར་ཤེས་པའི་ལིའུ། བཟོད་པའི་ལིའུ། སེམས་ཀྱི་རྒྱལ་པོས་དྲིས་ནས་གྲངས་ལ་འཇུག་པ་བསྟན་པའི་ལིའུ། ཚེའི་ཚད་ཀྱི་ལིའུ། བྱང་ཆུབ་སེམས་པའི་གནས་ཀྱི་ལིའུ། སངས་རྒྱས་ཀྱི་ཆོས་བསམ་གྱི་མི་ཁྱབ་པ་བསྟན་པའི་ལིའུ། དེ་བཞིན་གཤེགས་པའི་སྐུའི་མཚན་རྒྱ་མཚོ་བསྟན་པའི་ལིའུ། དཔེ་བྱད་བཟང་པོའི་འོད་ཟེར་བསྟན་པའི་ལིའུ། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལིའུ། དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་ལིའུ། འཇིག་རྟེན་ལས་འདས་པའི་ལིའུ། སྡོང་པོ་བརྒྱན་པའི་མདོ་ལ་སོགས་པ་ཕལ་ཆེན་པོད་དྲུག སྡོམ་གསུམ་བསྟན་པའི་མདོ། གསང་བ་བསམ་གྱི་མི་ཁྱབ་པ་བསྟན་པའི་མདོ། འོད་དཔག་མེད་ཀྱི་ཞིང་བཀོད་པའི་མདོ། སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་ཆོས་ཀུན་བསལ་བའི་མདོ། རྨི་ལམ་བསྟན་པའི་མདོ། མི་འཁྲུགས་པའི་ཞིང་བཀོད་པའི་མདོ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་མདོ། འཕགས་པ་ཆོས་བཅུ་པའི་མདོ། འཕགས་པ་ཀུན་ནས་སྒོའི་མདོ། འཕགས་པ་འོད་ཟེར་ཀུན་ནས་བཀྱེ་བའི་མདོ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་མདོ། དགའ་བོ་མངལ་དུ་འཇུག་པ་བསྟན་པའི་མདོ། དགའ་བོ་མངལ་དུ་འཇུག་པ་བསྟན་པའི་མདོ། དགའ་བོ་མངལ་ན་གནས་པའི་མདོ། འཇམ་དཔལ་གྱི་ཞིང་བཀོད་པའི་མདོ། ཡབ་སྲས་མཇལ་བའི་མདོ། གང་པོས་ཞུས་པའི་མདོ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ། གློག་ཐོབ་ཀྱིས་ཞུས་པའི་མདོ། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པའི་མདོ། ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ། བྱམས་པ་སེང་གེ་སྒྲའི་མདོ། ལྷག་བསམ་བསྐུལ་བའི་མདོ། ལག་བཟང་གིས་ཞུས་པའི་མདོ། འཕགས་པ་དེས་བས་ཞུས་པའི་མདོ། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་མདོ། བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་མདོ། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ། མྱ་ངན་མེད་སྦྱིན་ལུང་བསྟན་པའི་མདོ། ཡོན་ཏན་རིན་པོ་ཆེ་མེ་ཏོག་ཀུན་ཏུ་རྒྱས་པའི་མདོ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ། འཕགས་པ་སེང་གེས་ཞུས་པའི་མདོ། ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་མདོ། བུ་མོ་རྣམ་དག་དྭངས་བས་ཞུས་པའི་མདོ། བྱམས་པས་ཞུས་པའི་མདོ། བྱམས་པ་ཆོས་བརྒྱད་ཞུས་པའི་མདོ། འོད་སྲུང་གིས་ཞུས་པའི་མདོ། རིན་པོ་ཆེ་ཕུང་པོ་ལུང་བསྟན་པའི་མདོ་བློ་གྲོས་མི་ཟད་པས་ཞུས་པ། འཕགས་པ་འཇམ་དཔལ་གྱིས་ཞུས་པ་ཤེར་ཕྱིན་བདུན་བརྒྱ་པ། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ། དཔལ་ཕྲེང་སེང་གེའི་ང་རོས་ཞུས་པའི་མདོ། དྲང་སྲོང་རྒྱས་པས་ཞུས་པའི་མདོ། སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པའི་མདོ་ལ་སོགས་པ་དཀོན་བརྩེགས་པོད་དྲུག་བཅས་པོད་སུམ་ཅུ་སོ་གསུམ་ཡོད་པ་རྣམས་ཡིན། གསུམ་པ་མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ནི། ལྷག་པ་ཤེས་རབ་ཀྱི་བསླབ་པ་རིན་པོ་ཆེ་དེ་ཡིན། བཞི་པ་མངོན་པའི་སྡེ་སྣོད་ཀྱི་དགོས་པ་ནི། ལམ་བདག་མེད་གཉིས་རྟོགས་པའི་ཤེས་རབ་ལ་ཐོས་བསམས་ཀྱི་མྱོང་བ་ཐོན་ཅིང་མཐར་ཐུག་ཤེས་རབ་ཀྱི་ཕར་ཕྱིན་གྱི་གོམས་པ་མཐར་ཕྱིན་པར་བྱེད་པ་དེ་ཡིན། ལྔ་པ་མངོན་པའི་སྡེ་སྣོད་ཀྱི་འབྲེལ་པ་ནི་སྔ་མ་སྔ་མ་ཕྱི་མ་ཕྱི་མ་དང་འབྲེལ་བ་དེ་ཡིན།
སྡེ་སྣོད་གསུམ་སོ་སོའི་བྱུང་རྐྱེན་དང་། བཀའ་བསྡུ་མཛད་པོ་དང་། མཛད་པའི་དུས། སྡེ་སྣོད་གསུམ་སོ་སོའི་བརྗོད་བྱའི་ནང་དོན་ཞིབ་པ་རྗེས་སུ་ཞུ་བར་བྱ་བ་ཡིན་ནོ།
1987ལོའི་དེབ་ལས་བདམས།
དབང་འདུས་ཀྱིས་ཞུས།
|