གནས་ཡུལ། མདུན་ངོས། ཆོས་ལུགས་མི་སྣ།
 
 
༄༅།།པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་གླང།
སྤེལ་དུས།2008-01-02   ཡོང་ཁུངས་།   རྩོམ་པ་པོ།

    ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་གཉིས་པ་འདི་ཉིད་རབ་བྱུང་བདུན་པའི་ས་ལུག་(༡༤༣༩)ལོའི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་གཙང་ལྗོངས་ལྷོ་ཁུལ་དུ་ལྷོ་ཁུད་བླ་མ་རྣམ་རྒྱལ་དབང་ཕྱུག་གི་ཚ་བོར་འཁྲུངས། བ་སོ་ཆོས་ཀྱི་རྒྱལ་མཚན་གྱིས་བསོད་ནམས་ཕྱོགས་གླང་ཞེས་བྱ་བའི་མཚན་གསོལ། སེམས་དཔའ་ཆེན་པོ་བློ་གྲོས་སྦས་པ་སོགས་ཡོངས་འཛིན་དུ་མ་བསྟེན་ནས་མདོ་སྔགས་ཀྱི་རིག་པའི་གནས་ཀུན་ལ་མཁས་པར་གྱུར། དབེན་སའི་དགོན་པ་ཞོལ་གྱི་གདན་ས་མཛད་པ་དང་ཁྲི་པའི་ཐུགས་འགན་བཞེས། གསང་ཕུར་གྲྭ་སྐོར་ཡང་མཛད། ཐུབ་པའི་ལི་སྐུ་ཞིག་གིས་ལུང་བསྟན་པར་གྲགས་པ་བཞིན་དབེན་རྩ་ཕུར་ཆོས་འཁོར་དབུ་སྡིངས་ཞེས་པའི་མོ་དགོན་ཞིག་ཕྱག་བཏབ། དགེ་ལུགས་པའི་བསྟན་པ་རྒྱས་པར་གསུངས་པའི་དབེན་ས་སྙན་བརྒྱུད་ཀྱི་རྩོམ་སྲོལ་བཏོད། འདབ་ཆགས་ལ་གླེང་མོལ་མཛད་ཚུལ་གྱི་མགུར་སོགས་བསྟན་བཅོས་མང་དུ་བརྩམས། དགུང་ལོ་དྲུག་བཅུ་རེ་དྲུག་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་བྱི་(༡༥༠༤)ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060